当前位置: 首页 / 咨询中心 / 会议精神

阿坝州第十二届人民代表大会第五次会议举行第二次全体会议

发布时间:2021-01-13 17:16
来源:州妇联
访问量:
【打印文本】
分享到:

阿坝州第十二届人民代表大会第五次会议举行第二次全体会议
རྔ་བ་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།
1月12日上午,阿坝藏族羌族自治州第十二届人民代表大会第五次会议举行第二次全体会议。州人大常委会主任谷运龙作州人大常委会工作报告;州中级人民法院院长秦海作州中级人民法院工作报告;州人民检察院代理检察长宋骥作州人民检察院工作报告。

大会应到代表276名,实到249名,符合法定人数。

大会的执行主席是王全、王树平、田翔军、红么措、刘自君、杨开林、何建国、武锡英、沙朗初、唐小红、颜贵军。

刘坪、杨克宁、谷运龙、尼玛木、李为国、吴立岩、罗智波、范继跃、杨星、高加军、高立新、郑雷、刘波涛、廖辉等州第十二届人民代表大会第五次会议主席团成员,州委、州人大常委会、州政府、州政协、阿坝军分区副州级以上领导干部和州一级巡视员,州法院院长,州检察院代理检察长,阿坝职业学院主要负责同志出席并在主席台就座。

大会由执行主席王全主持。
州人大常委会主任谷运龙受州十二届人民代表大会常务委员会委托向大会报告工作。

在总结2020年工作时,报告指出,2020年,州人大常委会在州委的坚强领导下,坚持以习近平新时代中国特色社会主义思想为指导,深入学习贯彻习近平总书记关于坚持和完善人民代表大会制度的重要思想,全面贯彻落实党的十九大和十九届二中、三中、四中、五中全会,省委十一届六次、七次、八次全会和州委十一届五次、六次、七次、八次、九次、十次全会精神,紧紧抓住生态、发展、民生、稳定、作风“五个关键”,围绕中心、服务大局,全力助推“一州两区三家园”建设,切实担负起新时代赋予地方人大的历史使命。

报告指出,一年来,州人大常委会一是坚持党的全面领导,坚定政治建设、政治方向。始终坚持党的领导;大力强化理论武装。二是着力提高立法质量,引领推动改革发展稳定。突出重点领域立法,主动适应改革发展需要;加强立法组织协调,充分发挥人大主导作用;持续强化法规清理,坚定维护国家法治统一。三是切实提升监督实效,坚定服务全州工作大局。聚焦生态抓监督,助力生态环境持续改善;聚焦发展抓监督,助推经济社会高质量发展;聚焦民生抓监督,推动群众福祉不断增进;聚焦稳定抓监督,促进治理能力不断提升;聚焦作风抓监督,推进重点工作全面落实。四是尊重代表主体地位,充分保障代表依法履职。加强统筹协调,充分发挥代表作用;加强履职保障,促进代表依法履职;加强建议督办,提升代表履职实效。五是紧扣新时代新要求,不断夯实人大工作基础。着力加强能力建设;着力加强制度建设;着力加强作风建设。


报告指出,2021年是建党100周年,也是实施“十四五”规划开局之年,做好这个特殊重要年份的人大工作,责任重大、使命光荣。2021年州人大常委会工作的总体要求是:以习近平新时代中国特色社会主义思想为指导,全面贯彻党的十九大和十九届二中、三中、四中、五中全会精神以及省委十一届六次、七次、八次全会和州委十一届五次、六次、七次、八次、九次、十次全会精神,增强“四个意识”,坚定“四个自信”,做到“两个维护”,按照省委、州委人大工作会议的部署要求,紧扣生态、发展、民生、稳定、作风“五个关键”,着力提升立法、监督、决定、代表等工作和自身建设水平,努力开创新时代地方人大工作新局面,为全面建设生态美丽、富裕小康、和谐幸福的社会主义现代化新阿坝开好局、起好步贡献人大智慧和力量。

围绕上述总体要求,州人大及其常委会要坚持学思践悟、知行合一,深入贯彻省委、州委人大工作会议精神;要坚持立好良法、保证善治,持续加强和改进立法工作;要坚持正确监督、有效监督,持续加强和改进监督工作;要坚持依靠代表、服务代表,持续加强和改进代表工作;要坚持强基固本、守正笃实,持续加强和改进自身建设。

按照会议议程,州中级人民法院院长秦海向大会作州中级人民法院工作报告,州人民检察院代理检察长宋骥作州人民检察院工作报告。报告分别总结了2020年州中级人民法院和州人民检察院工作,安排了2021年工作。

会议还表决通过了《接受辞职决定(草案)》《会议选举办法(草案)》和《专门委员会成员人选表决办法(草案)》,提交各代表团审议。

不是州十二届人大代表的州政府秘书长,州委、州政府副秘书长,州纪委监委、州法院、州检察院负责人,州政府工作部门负责人,州委、州政府有关部门、单位负责人,群团组织负责人,省、州双重领导单位负责人,驻州武警、消防救援、森林消防负责人,部分州内企业负责人,住州的全国、省人大代表,各县(市)援藏干部领队、各县(市)援建干部负责人列席会议。



ཟླ1པོའི་ཚེས12ཉིན་གྱི་སྔ་དྲོར། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་གིས་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ལས་དོན་སྙན་ཞུ་ཕུལ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཆིན་ཧེ་ཡིས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་ཕུལ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཚབ་ཞིབ་དཔྱོད་དཔོན་པོ་སུང་དབྱི་ཡིས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་ཕུལ།

ཚོགས་ཆེན་དུ་ཞུགས་དགོས་པའི་འཐུས་མི276ཡིན་པ་དང་།དངོས་སུ་ཞུགས་པའི་འཐུས་མི249ཡོད་པས་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན།


ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཆོན་དང་། ཝང་ཧྲོའུ་ཕིང་། ཐེན་ཞང་ཅོན། ཧོང་མེ་མཚོ། ལིའུ་ཙི་ཅོན། དབྱང་ཁེ་ལིན། ཧོ་ཅན་གོ། ཝོའུ་ཞི་དབྱིན། བསོད་ནམས་འཚོ། ཐང་ཞའོ་ཧོང་། ཡན་གེ་ཅོན་བཅས་ཡིན།


ལིའུ་ཕིང་དང་། དབྱང་ཁེ་ཉིང་། ཀུའུ་ཡུན་ལུང་། ཉི་མ་འབུམ། ལིས་ཝེ་གོ། ཝོའུ་ལིས་ཡན། ལོ་ཀྲི་པོ། ཧྥན་ཅི་ཡོ། དབྱང་ཞིན། གོ་ཅ་ཅོན། གོ་ལིས་ཞིན། ཀྲིན་ལེ། ལིའུ་པོ་ཐའོ། ལོའོ་ཧེ་སོགས་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་བའི་ཀྲུའུ་ཞི་ཚོགས་པའི་ཚོགས་མི་དང་། ཁུལ་ཨུ་དང་། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། རྔ་བའི་ཡན་ལག་དམག་ཁུལ་བཅས་ཀྱི་ཁུལ་རིམ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་དང་རིམ་པ་དང་པོའི་སྐོར་ཞིབ་པ། ཁུལ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཚབ་ཞིབ་དཔྱོད་དཔོན་པོ། རྔ་བའི་ལས་རིགས་སློབ་གླིང་གི་འགན་འཁུར་བ་བཅས་ཚོགས་འདུར་ཞུགས་པ་མ་ཟད་ཀྲུའུ་ཞི་སྟེགས་བུར་བཞུགས། 

ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་གིས་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་དུ་ལས་དོན་སྙན་ཞུ་ཕུལ། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཆོན་གྱིས་གྲོས་ཚོགས་ལ་མདོ་འཛིན་བྱས།

2020ལོའི་ལས་དོན་ལ་ཕྱོགས་བསྡོམས་སྐབས་སུ་བསྟན་དོན། 2020ལོར་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གིས་ཁུལ་ཨུའི་ཡང་དག་པའི་འགོ་ཁྲིད་འོག་ཏུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་རྒྱུན་བསྐྱངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་སྐྱོང་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལག་ཏུ་བསྟར་ཞིང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་བ། ལྔ་བ། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། བདུན་པ། བརྒྱད་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཐེངས་ལྔ་བ་དང་། དྲུག་པ། བདུན་པ། བརྒྱད་པ། དགུ་བ། བཅུ་བ་བཅས་ཀྱི་དགོངས་དོན་ལྷུར་བླངས་ཏེ། སྐྱེ་ཁམས་དང་། གོང་འཕེལ། དམངས་འཚོ། བརྟན་བརླིང་། སྤྱོད་ལམ་བཅས་ཀྱི་གནད་འགག་ལྔ་དམ་པོར་བཟུང་ནས། ལྟེ་བ་གཞིར་བཟུང་ནས་ཀུན་ལ་ཞབས་ཞུ་ཕུལ་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཁུལ་གཅིག་དང་ས་ཁུལ་གཉིས་ཁྱིམ་གཞིས་གསུམ་བསྐྲུན་པར་རམ་འདེགས་བྱས་ཤིང་། དུས་རབས་གསར་བས་ས་གནས་དམངས་འཐུས་ལ་སྤྲད་པའི་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་བླངས་ཡོད་ཅེས་བསྟན།



སྙན་ཞུའི་ཁྲོད་བསྟན་དོན། ལོ་ངོ་གཅིག་གི་རིང་ལ། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གིས་གཅིག་ཏུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་བསྐྱངས་ཤིང་། ཆབ་སྲིད་འཛུགས་སྐྲུན་དང་ཆབ་སྲིད་ཀྱི་ལངས་ཕྱོགས་སྲ་བརྟན་དུ་བཏང་ནས། ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་རྒྱུན་བསྐྱངས་ནས། གཞུང་ལུགས་ཀྱི་རྒྱབ་རྟེན་ལ་ཤུགས་སྣོན། གཉིས་སུ་ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་བཏང་ནས། བསྒྱུར་བཅོས་གོང་འཕེལ་བརྟན་བརླིང་ལ་སྣེ་ཁྲིད་ཅིང་། གཙོ་གནད་མངའ་ཁོངས་ཀྱི་ཁྲིམས་འཛུགས་འབུར་དུ་ཐོན་པ་དང་། བསྒྱུར་བཅོས་གོང་འཕེལ་གྱི་དགོས་མཁོ་དང་འཚམ་པར་བྱས་ཤིང་། ཁྲིམས་འཛུགས་རྩ་འཛུགས་མཐུན་སྦྱོར་ལ་འབད་དེ། དམངས་འཐུས་ཀྱི་སྣེ་ཁྲིད་ནུས་པ་ཡོངས་སུ་བཏོན་ཡོད། སྒྲིག་ཁྲིམས་གཙང་སེལ་ལ་འབད་དེ་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ཡོང་བར་སྲུང་སྐྱོང་བྱས། གསུམ་དུ་ལྟ་ཞིབ་ཕན་འབྲས་མཐོར་འདེགས་བཏང་ནས། ཁུལ་ཡོངས་ཀྱི་ལས་དོན་ཀུན་ལ་ཞབས་ཞུ་ཕུལ།  སྐྱེ་ཁམས་ལ་ལྟ་ཞིབ་དམ་པོར་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྔར་བས་ཇེ་ལེགས་སུ་གཏོང་བར་རམ་འདེགས་བྱས། གོང་འཕེལ་ལ་ལྟ་ཞིབ་དམ་པོར་བྱས་ནས། སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོན་པོའི་གོང་འཕེལ་ལ་རམ་འདེགས་བྱ་དགོས། དམངས་འཚོའི་ལྟ་ཞིབ་དམ་པོར་བཟུང་ནས། མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་ཞིང་སྐྱིད་པར་བཏང་། བརྟན་བརླིང་ལ་ལྟ་ཞིབ་དམ་པོར་བྱས་ནས། བཅོས་སྐྱོང་ནུས་པ་སྔར་བས་མཐོར་འདེགས་བཏང་། སྤྱོད་ལམ་ལ་ལྟ་ཞིབ་དམ་པོར་བྱས་ནས། གཙོ་གནད་ལས་དོན་ཕྱོགས་ཡོངས་ནས་ལག་བསྟར་ལ་སྐུལ་འདེད་བཏང་ཡོད། བཞི་རུ་འཐུས་མིའི་ཐོབ་ཐང་ལ་བརྩི་བཀུར་བྱས་ཏེ། འཐུས་མིའི་ཁྲིམས་མཐུན་ལས་འགན་ཕྲག་ཏུ་ལེན་པར་ཁག་ཐེག་བྱས། གཅིག་གྱུར་མཐུན་སྦྱོར་ལ་འབད་དེ། འཐུས་མིའི་ནུས་པ་ཡོངས་སུ་བཏོན་ཞིང་། ལས་འགན་འགན་སྲུང་ལ་འབད་དེ། འཐུས་མིའི་ཁྲིམས་མཐུན་ལས་འགན་ཕྲག་ཏུ་ལེན་པར་སྐུལ་འདེད་བཏང་། བསམ་འཆར་ལས་སྒྲུབ་ལ་འབད་དེ། འཐུས་མིའི་ལས་འགན་གྱི་ཕན་འབྲས་མཐོར་འདེགས་བཏང་། ལྔ་རུ་དུས་རབས་གསར་བའི་རེ་འདུན་གསར་བ་གཞིར་བཟུང་ནས། དམངས་འཐུས་ལས་དོན་གྱི་རྨང་གཞི་བརྟན་པོར་བཏང་། ནུས་པ་འཛུགས་སྐྲུན་ལ་འབད་པ་དང་། ལམ་ལུགས་འཛུགས་སྐྲུན་ལ་འབད་དེ། སྤྱོད་ལམ་འཛུགས་སྐྲུན་ལ་འབད་དགོས་ཞེས་བསྟན།

སྙན་ཞུའི་ཁྲོད་བསྟན་དོན། 2021ལོ་ནི་ཏང་བཙུགས་ནས་ལོ་འཁོར100ལོན་པ་ཡིན་ལ། ལྔ་འཆར་བཅུ་བཞི་བར་མགོ་འཛིན་པའི་ལོ་ཡང་ཡིན། དམིགས་བསལ་ལོ་འཁོར་འདིའི་དམངས་འཐུས་ལས་དོན་ལེགས་པར་སྒྲུབ་པར་འགན་འཁྲི་ཤིན་ཏུ་ལྕི། 2021ལོའི་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ལས་དོན་སྤྱིའི་རེ་འདུན་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་ནས། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་བ། ལྔ་བའི་དགོངས་དོན། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། བདུན་པ། བརྒྱད་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་། དྲུག་པ། བདུན་པ། བརྒྱད་པ། དགུ་བ། བཅུ་བ་བཅས་ཀྱི་དགོངས་དོན་ལྷུར་བླངས་ཏེ། འདུ་ཤེས་བཞི་མཐོར་འདེགས་དང་། རང་རྟོན་བཞི་སྲ་བརྟན། སྲུང་སྐྱོང་གཉིས་འཁྱོངས་བར་བྱ་དགོས་ལ། ཞིང་ཨུ་དང་ཁུལ་ཨུའི་དམངས་འཐུས་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་རེ་འདུན་གཞིར་བཟུང་ནས། སྐྱེ་ཁམས་དང་། གོང་འཕེལ། དམངས་འཚོ། བརྟན་བརླིང་། སྤྱོད་ལམ་བཅས་ཀྱི་གནད་འགག་ལྔ་དམ་པོར་བཟུང་སྟེ། ཁྲིམས་འཛུགས་དང་། ལྟ་ཞིབ། གྲོས་ཆོད། འཐུས་མི་སོགས་ཀྱི་ལས་དོན་དང་རང་ཉིད་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས་ལ། དུས་རབས་གསར་བའི་ས་གནས་དམངས་འཐུས་ཀྱི་ལས་དོན་གསར་དུ་བཏོད་དེ། ཕྱོགས་ཡོངས་ནས་སྐྱེ་ཁམས་མཛེས་སྡུག་དང་། འབྱོར་ཕྱུག འཆམ་མཐུན་བདེ་སྐྱིད་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྔ་བ་གསར་བ་བསྐྲུན་པར་དམངས་འཐུས་ཀྱི་ཤེས་རབ་དང་སྟོབས་ཤུགས་འབུལ་དགོས། གོང་བཀོད་ཀྱི་སྤྱིའི་རེ་འདུན་གཞིར་བཟུང་ནས། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གིས་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཞིང་ཨུ་དང་ཁུལ་ཨུའི་དམངས་འཐུས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་ཏུ་བསྟར་ཞིང་། མུ་མཐུད་དུ་ཁྲིམས་འཛུགས་ལས་དོན་བསྒྱུར་བཅོས་ལ་ཤུགས་སྣོན་དགོས། ཡང་དག་ལྟ་ཞིབ་དང་ཕན་ལྡན་ལྟ་ཞིབ་རྒྱུན་བསྐྱངས་ཏེ། ལྟ་ཞིབ་ལས་དོན་མུ་མཐུད་དུ་བསྒྱུར་བཅོས་གཏོང་དགོས། འཐུས་མིར་བརྟེན་པ་དང་འཐུས་མི་ཞབས་ཞུ་འབུལ་བ་རྒྱུན་བསྐྱངས་ཏེ། མུ་མཐུད་དུ་འཐུས་མིའི་ལས་དོན་བསྒྱུར་བཅོས་ལ་འབད་ཅིང་། མུ་མཐུད་དུ་རང་ཉིད་འཛུགས་སྐྲུན་ལ་འབད་དགོས་ཞེས་བསྟན།

གྲོས་ཚོགས་ཀྱི་གོ་རིམ་ལྟར། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཆིན་ཧེ་ཡིས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙ་ཞུ་ཕུལ་ཞིང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཚབ་ཞིབ་དཔྱོད་དཔོན་པོ་སུང་དབྱི་ཡིས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་ཕུལ། སྙན་ཞུ་རུ2020ལོའི་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་ལ་ཕྱོགས་བསྡོམས་དང་2021ལོའི་ལས་དོན་བཀོད་སྒྲིག་བྱས། 

གྲོས་ཚོགས་སུ་༼རྩ་དགོངས་དང་ལེན་གྲོས་ཆོད་ཀྱི་གྲོས་ཡིག༽དང་། ༼གྲོས་ཚོགས་འོས་འདེམས་ཐབས་ལམ་གྱི་གྲོས་ཡིག༽༼ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་མི་འོས་འདེམས་ཐབས་ལམ་གྱི་གྲོས་ཡིག༽ལ་གྲོས་འཆམ་བྱུང་བ་དང་། འཐུས་མི་ཚོགས་པ་སོ་སོར་གྲོས་ཞིབ་ཏུ་སྤྲད། 

སྐབས་བཅུ་གཉིས་པའི་དམངས་ཆེན་འཐུས་མི་མ་ཡིན་པའི་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་དྲུང་ཡིག་པ་གཞོན་པ། ཁུལ་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན། ཁུལ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགན་ཁུར་བ། ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྡེ་ཁག་གི་འགན་ཁུར་བ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་བ།  ཚོགས་པའི་རྩ་འཛུགས་འགན་ཁུར་བ། ཞིང་ཆེན་དང་ཁུལ་གྱི་འགོ་ཁྲིད་གཅིག་ལྕོགས་ཡིན་པའི་ལས་ཁུངས་ཀྱི་འགན་ཁུར་བ། ཁུལ་གཏོགས་དྲག་ཆས་ཉེན་རྟོག་རུ་ཁག ནགས་ཚལ་མེ་འགོག་རུ་ཁག་གི་འགོ་ཁྲིད། ཁུལ་ནང་གི་ཁེ་ལས་འགན་ཁུར་བ་ཁ་ཤས། ཁུལ་སྡོད་ཀྱི་རྒྱལ་ཡོངས་དང་ཞིང་ཆེན་གྱི་དམངས་ཆེན་འཐུས་མི། རྫོང་དང་གྲོང་ཁྱེར་སོ་སོའི་བོད་སྐྱོར་ལས་བྱེད་རུ་དཔུང་། རྫོང་དང་གྲོང་ཁྱེར་སོ་སོའི་རོགས་སྐྲུན་འགན་ཁུར་པ་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།






来源:阿坝州人民政府网站  阿坝州电视台藏语频道

扫一扫在手机打开当前页

相关新闻