当前位置: 首页 / 咨询中心 / 会议精神

སྲིད་གྲོས་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་སྐབས་14གྲོས་ཚོགས་ཐེངས5འཚོགས།政协第十四届阿坝州委员会第五次会议开幕

发布时间:2021-01-12 20:55
来源:州妇联
访问量:
【打印文本】
分享到:


        协商议政共绘新蓝图,凝心聚力同创新辉煌。1月9日上午,中国人民政治协商会议第十四届阿坝藏族羌族自治州委员会第五次会议在马尔康开幕。在团结民主奋进的气氛中,来自全州各族各界和各条战线的政协委员汇聚一堂,团结一心,认真履职尽责,为加快建成生态美丽、富裕小康、和谐幸福的现代化新阿坝积极建言献策、贡献力量。

大会应到委员268人,实到委员242人,符合《政协章程》的规定。

州政协主席尼玛木,州政协副主席秦开金、陈福生、达扎·尕让托布旦拉西降措、龙刚、王生、洪秀英、刘云健在大会主席台前排就座。

州委书记刘坪,州委副书记、州长杨克宁,州人大常委会主任谷运龙,州人大常委会党组书记李为国,州委副书记吴立岩到会祝贺并在主席台就座。


开幕大会的执行主席是尼玛木、秦开金、陈福生、达扎·尕让托布旦拉西降措、龙刚、王生大会由秦开金主持。会首先通过了政协第十四届阿坝州委员会第五次会议议程。尼玛木代表政协第十四届阿坝州委员会常务委员会作工作报告。




报告指出,2020年是新冠肺炎疫情全球肆虐的特殊之年,也是我国决胜全面小康、决战脱贫攻坚的收官之年。一年来,州政协及其常委会在中共阿坝州委的坚强领导下,团结带领各界委员,坚持以习近平新时代中国特色社会主义思想为指导,深入学习贯彻中共十九大及十九届四中、五中全会,中央、省委政协工作会议,省委十一届六次、七次、八次全会,州委十一届八次、九次、十次全会精神,牢牢把握人民政协性质定位,紧紧围绕全州中心工作,坚持建言资政和凝聚共识双向发力,冲锋在一线,战斗在前沿,勇于担当尽责,超常努力履职,各项工作取得新进展新成效,为夺取疫情防控和经济社会发展双胜利、助推稳州兴州再上新台阶作出了积极贡献。


报告指出,2021年州政协工作的指导思想和总体要求是:坚定以习近平新时代中国特色社会主义思想为指导,在中共阿坝州委的坚强领导下,深入学习贯彻中共十九大和十九届四中、五中全会精神,全面落实中央、省委政协工作会议和省委十一届八次全会、州委十一届十次全会工作部署,充分发挥专门协商机构作用,坚持发扬民主和增进团结相互贯通、建言资政和凝聚共识双向发力,不断提高政治协商、民主监督、参政议政水平,为开启全面建设社会主义现代化阿坝新征程,实现“十四五”良好开局作出新贡献。


报告强调,落实上述总体要求,一要强化理论武装,夯实共同思想政治基础。坚持把政治理论学习摆在更加突出位置,始终以习近平新时代中国特色社会主义思想武装头脑、统领工作、指导实践,深入学习贯彻中共十九届四中、五中全会、中央第七次西藏工作座谈会、中央和省委政协工作会议、省委十一届八次全会以及州委十一届十次全会精神,切实将思想和行动统一到中央、省委、州委决策部署上来,始终做到政治上同向、思想上同心、工作上同步。


二要汇聚各方合力,助推“十四五”规划强劲起步。州政协及其常委会要切实增强责任意识、担当意识,围绕中心、坚定信心,立足岗位、出力实干,合力助推“十四五”规划开好局、起好步。


三要坚持双向发力,更好凝聚团结奋进正能量。要充分发挥政协“重要阵地”“重要平台”“重要渠道”作用,切实把凝聚共识融于协商议政、民主监督、视察考察、调查研究、提案办理、反映社情民意等履职活动,深入贯彻省政协工作部署,不断完善州政协党组成员联系党员委员、党员委员联系非党委员等制度,扎实开展“感党恩、听党话、跟党走”和“爱国爱教爱家乡”教育活动,切实加强同党外知识分子、非公有制经济人士、新的社会阶层人士的沟通联系,强化团结联谊和对外交往,不断壮大助推我州经济社会发展的外部支持力量。

四要强化责任担当,全面加强自身建设。认真贯彻落实新时代加强和改进人民政协工作的新部署、新要求,坚持党对人民政协工作的全面领导,严格落实全面从严治党主体责任,进一步加强委员队伍建设、专门委员会建设以及政协机关和干部队伍建设,认真总结本届政协履职实践中的好经验、好做法,推进人民政协工作不断创新发展。


陈福生代表政协第十四届阿坝州委员会常务委员会向大会报告政协十四届四次会议以来提案工作情况。政协第十四届阿坝州委员会四次会议以来,州政协委员、政协各参加单位和专门委员会,坚持以习近平新时代中国特色社会主义思想为指导,围绕推进“一州两区三家园”建设目标,集思广益谋思路,献计出力助发展,积极利用提案履行职能,共提出提案173件,经审查,撤销2件、不予立案1件、内容相同或相近的6件合并为3件,立案95件、转委员来信72件,立案率55%,提案办理和答复率均为100%,委员来信均得到了回复。


应邀出席开幕大会并在主席台就座的还有中共阿坝州委、州人大常委会、州人民政府副州级以上领导,州一级巡视员、阿坝军分区、州中级人民法院、州人民检察院、阿坝师院、阿坝职业学院的领导同志,驻州全国政协委员。

住州省政协委员,州直有关单位负责同志列席会议。驻马尔康州级机关副县级以上干部旁听会议。




གྲོས་མོལ་སྲིད་གླེང་བྱས་ནས་འཆར་གཞི་གསར་བ་མཉམ་འགོད་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་གྲུབ་འབྲས་གསར་བ་བསྐྲུན།  ཟླ་དང་པོའི་ཚེས་དགུ་ཉིན་གྱི་སྔ་དྲོར།  ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་ལྔ་བ་འབར་ཁམས་ནས་འཚོགས་འགོ་བརྩམས།  མཐུན་སྒྲིལ་དང་དམངས་གཙོ།  མདུན་སྐྱོད་བཅས་ཀྱི་ཁྲོད་ནས།  ཁུལ་ཡོངས་ཀྱི་མི་རིགས་སོ་སོ་དང་སྤྱི་ཚོགས་ལས་རིགས་ཁག་སོ་སོ་ནས་ཡོང་བའི་སྲིད་གྲོས་ཨུ་ཡོན་རྣམས་མཉམ་དུ་འཛོམས་ཏེ།   མཐུན་སྒྲིལ་དམ་པོ་དང་ནན་ཏན་གྱིས་འོས་འགན་འཁུར་ནས།  མཛེས་སྡུག་ལྡན་པའི་སྐྱེ་ཁམས་དང་། འབྱོར་ཕྱུག་ལྡན་པའི་འབྱོར་འབྲིང་། འཆམ་མཐུན་ལྡན་པའི་བདེ་སྐྱིད་བཅས་འཛོམས་པའི་དེང་རབས་ཅན་གྱི་རྔ་བ་གསར་བ་འཛུགས་སྐྱོང་བྱེད་པར་ཐབས་འདོན་ཇུས་འབུལ་དང་ནུས་ཤུགས་བཏོན་པ་རེད། 
 གྲོས་ཚོགས་ལ་ཞུགས་དགོས་པའི་ཨུ་ཡོན་གྱི་ཁ་གྲངས་268ཡིན་ལ། དངོས་སུ་ཞུགས་པའི་ཨུ་ཡོན་242ཡོད། དེ་ནི་སྲིད་གྲོས་ཀྱི་སྒྲིག་གཞིའི་ནང་གཏན་འབེབས་བྱས་ཡོད་པ་དང་འཚམ།


   ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆིན་ཁེ་ཅིན་དང་། ཁྲེན་ཧྥུ་ཧྲེང་།  སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ།  ལུང་ཀང་།  ཝང་ཧྲིན།  ཧུང་ཞུའུ་དབྱིན།  ལུའུ་ཡུན་ཅན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།   

    ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་དང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་དབྱང་ཁེ་ཉིང་། ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ཀུའུ་ཡུན་ལུང་། ཁུལ་དམངས་ཆེན་རྒྱུན་ཨུའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལིས་ཝེ་ཀོ  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ལིས་ཡཱན་བཅས་གྲོས་ཚོགས་ལ་ཞུགས་ནས་རྟེན་འབྲེལ་ཞུས་པ་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་དུ་བཞུགས།  དབུ་ཚུགས་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཉི་མ་འབུམ་དང་། ཆིན་ཁེ་ཅིན། ཁྲེན་ཧྥུ་ཧྲེང་།  སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ།  ལུང་ཀང་།  ཝང་ཧྲིན་བཅས་རེད། ཆིན་ཁེ་ཅིན་གྱིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།ཚོགས་ཆེན་ལས་ཐོག་མར་སྲིད་གྲོས་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་རིམ་གཏན་ལ་ཕབ། ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ལྷན་གྱིས་མངག་བཅོར་ལྟར།  ཉི་མ་འབུམ་གྱིས་སྲིད་གྲོས་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས་ལས་ཀའི་སྙན་ཞུ་ཕུལ།  

སྙན་ཞུའི་ཁྲོད་བསྟན་དོན། 2020ལོ་ནི་ཏོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་མཆེད་པའི་ལོ་ཁྱད་པར་བ་ཞིག་ཡིན་ལ། ཕྱོགས་ཡོངས་འབྱོར་འབྲིང་ལས་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ་དང་། དབུལ་བྲལ་གནད་སྒྲོལ་ལ་མཐའ་གཅིག་ཏུ་འབད་པ་མཇུག་སྡུད་པའི་ལོ་ཡང་ཡིན། ལོ་བརྒྱ་གཉིས་ཀྱི་འབད་བརྩོན་དམིགས་འབེན་འགྲུབ་པར་བྱ་བའི་ལོ་རྒྱུས་སྦྲེལ་མཚམས་ཀྱི་ལོ་ཞིག་ཀྱང་ཡིན། ལོ་ངོ་གཅིག་གི་རིང་། ཁུལ་སྲིད་གྲོས་དང་དེའི་རྒྱུན་ཨུ་ཁང་གིས་ཀྲུང་གུང་རྔ་བ་ཁུལ་ཨུའི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག ལས་རིགས་སོ་སོའི་ཨུ་ཡོན་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཀྲུང་གུང་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་། སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ལྔ་བ། ཀྲུང་དབྱང་དང་ཞིང་ཨུའི་སྲིད་གྲོས་ལས་དོན་གྲོས་ཚོགས། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པ། བརྒྱད་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་བ། བཅུ་བ་བཅས་ཀྱི་དགོངས་དོན་གཏིང་ཟབ་མོར་སློབ་སྦྱོང་དང་དོན་འཁྱོལ་བྱས་ཤིང་། མི་དམངས་སྲིད་གྲོས་ཀྱི་ངོ་བོའི་གོ་གནས་ཁོང་དུ་ཆུད་པ། ཁུལ་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས། གྲོས་འདོན་སྲིད་སྐྱོང་རོགས་རེས་དང་ཐུན་མོང་ངོས་འཛིན་གཅིག་བསྒྲིལ་གྱི་ཕྱོགས་གཉིས་ལ་ངར་ཤུགས་འབྱིན་པ་རྒྱུན་བསྐྱངས་ཤིང་། གཡུལ་འཐབ་ཀྱི་ཡུལ་དངོས་སུ་བརྒྱུགས་ཤིང་སྔུན་སུས་ལོན་གྱིས་འཐབ་འཁྲུག་ལ་ཞུགས་པ། འགན་འཁྲི་ཡོངས་སུ་འཁུར་ཕོད་པ་དང་། ཚད་ལས་འདས་པའི་འབད་བརྩོན་ལ་བརྟེན་ནས་འགན་ནུས་ལག་ཏུ་བསྟར་པས། ལས་དོན་ཁག་ལ་འཕེལ་རིམ་གསར་བ་དང་གྲུབ་འབྲས་གསར་བ་ཐོབ་ཡོད་ལ། རིམས་ནད་སྔོན་འགོག་དང་ཚོད་འཛིན། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཉིས་ཀྱི་རྒྱལ་ཁ་ལེན་པ་དང་། རང་ཁུལ་བརྟན་བརླིང་དང་དར་རྒྱས་དེ་སྐས་རིམ་གསར་བ་ཞིག་ཏུ་སྐུལ་མ་གཏོང་བར་དགེ་མཚན་ཆེ་བའི་བྱས་རྗེས་བཞག་ཡོད་ཅེས་བསྟན།

སྙན་ཞུའི་བསྟན་དོན།  2021ལོའིཁུལ་སྲིད་གྲོས་ཀྱི་ལས་ཀའི་མཛུབ་སྟོན་བསམ་བློ་དང་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཀྲུང་གུང་རྔ་བ་ཁུལ་ཨུའི་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གུང་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ལྔ་བའི་དགོངས་དོན་གཏིང་ཟབ་མོར་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ། ཀྲུང་དབྱང་དང་ཞིང་ཨུའི་སྲིད་གྲོས་ལས་དོན་གྱི་གྲོས་ཚོགས་དང་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བཅས་ཀྱི་ལས་དོན་བཀོད་སྒྲིག་ཀུན་ནས་དོན་འཁྱོལ་བྱེད་པ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ཕན་ནུས་གང་ལེགས་སྒོས་འདོན་སྤེལ་བྱེད་པ། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་གཏོང་ཕན་ཚུན་མཉམ་འདྲེས་དང་།  གྲོས་འདོན་སྲིད་སྐྱོང་རོགས་རེས་དང་ཐུན་མོང་ངོས་འཛིན་གཅིག་བསྒྲིལ་གྱི་ཕྱོགས་གཉིས་སུ་ནུས་ཤུགས་འབྱིན་པ་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྔ་བ་ཁུལ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བ་གཏོད་པ་དང་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་མགོ་ལེགས་པར་འཛིན་པར་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན།

སྙན་ཞུའི་ཁྲོད་ནན་གྱིས་བསྟན་དོན། གོང་བརྗོད་ཀྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པར། གཅིག་ནས་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ནས། ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཆབ་སྲིད་གཞུང་ལུགས་ལ་སློབ་སྦྱོང་ནི་སྔར་བས་འབུར་ཐོན་གོ་གནས་སུ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལས་ཀར་གཅིག་འདོམས་ཁྲིད་སྟོན་དང་ལག་ལེན་ལ་མཛུབ་སྟོན་བྱེད་དགོས། ཏང་ཙུའུ་ལྟེ་བའི་ཚན་ཆུང་གི་གཞུང་ལུགས་སློབ་སྦྱོང་གིས་ཁྲིད་སྟོན་བྱེད་པའི་སློབ་སྦྱོང་ལམ་ལུགས་དང་མ་ལག་འཐུས་ཚང་དུ་བཟོ་བ་དང་། རྒྱུན་ཨུའི་གྲོས་ཚོགས་ཀྱི་ཆེད་དོན་སློབ་སྦྱོང་དང་རྒྱུན་ཨུའི་གྲོས་ཚོགས་ཀྱི་ཆེད་དོན་སློབ་སྦྱོང་། སྲིད་གྲོས་ཀྱི་སློབ་སྦྱོང་ཚོགས་འདུའི་གཅིག་སྡུད་སློབ་སྦྱོང་དང་། དེ་མིན་ཆེད་དོན་ཞིབ་འཇུག་གྲོས་སྡུར་འཛིན་གྲྭ་དང་ཨུ་ཡོན་གསོ་སྦྱོང་འཛིན་གྲྭ་སོགས་ཀྱི་རྣམ་པ་ཕྱོགས་བསྡུས་ཀྱིས་བེད་སྤྱད་དེ། ཀྲུང་གུང་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་དང་ལྔ་བ། ཀྲུང་དབྱང་དང་ཞིང་ཨུའི་སྲིད་གྲོས་ལས་དོན་གྱི་གྲོས་ཚོགས། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ་བཅས་ཀྱི་དགོངས་དོན་གཏིང་ཟབ་མོར་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་དང་ཁུལ་གྱི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་ལ་དུས་ཐོག་ཏུ་རྗེས་ཆོད་པར་སློབ་སྦྱོང་བྱས་ཏེ། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆར་སྔར་བས་གོ་བ་ཟབ་ལེན་དང་ཁོང་དུ་ཆུད་པར་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལམ་སྲོལ་གྱི་ཕན་ནུས་ཀྱི་ངོས་འཛིན་མི་མཐུད་དུ་ཇེ་ཟབ་ཏུ་གཏོང་བ། མཐུན་སྒྲིལ་འབད་བརྩོན་གྱི་ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་ཇེ་བརྟན་དུ་གཏོང་བ། བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུ་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ཏུ་གཅིག་གྱུར་དུ་ཡོང་བར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ཁ་ཕྱོགས་གཅིག་ལ་འཁོར་བ་དང་བསམ་བློའི་ཐད་བསམ་པ་གཅིག་མཐུན་ཡོང་བ། ལས་དོན་ཐད་མཉམ་སྒྲུབ་བཅས་བྱེད་དགོས།

གཉིས་ནས་ཕྱོགས་ཁག་གི་སྒྲིལ་ཤུགས་གཅིག་ཏུ་བསྡུས་ཏེ། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་གོམ་སྟབས་བརྟན་པོར་སྤོ་བར་སྐུལ་མ་གཏོང་དགོས། ཁུལ་སྲིད་གྲོས་དང་དེའི་རྒྱུན་ཨུ་ཁང་གིས་འགན་འཁྲི་འཁུར་སེམས་དང་འགན་ཁུར་ཕོད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ལྟེ་བར་དམིགས་ཤིང་ཡིད་ཆེས་བརྟན་པོ། ལས་རྐང་ལ་དམིགས་ནས་ནུས་འདོན་དངོས་སྒྲུབ་དང་ནུས་ཤུགས་གཅིག་བསྒྲིལ་གྱིས་ལྔ་འཆར་བཅུ་བཞི་བའི་མགོ་ལེགས་པར་འཛིན་པ་དང་གོམ་སྟབས་སྤོ་བར་སྐུལ་འདེད་གཏོང་དགོས།

གསུམ་ནས་ཕྱོགས་གཉིས་སུ་ངར་ཤུགས་འབྱིན་པ་རྒྱུན་འཁྱོངས་བྱས་ཏེ། མཐུན་སྒྲིལ་ཡར་བརྩོན་གྱི་དྲང་ཕྱོགས་ནུས་ཤུགས་སྔར་བས་གཅིག་ཏུ་བསྡུ་དགོས་ལ། སྲིད་གྲོས་ཀྱིགཡུལ་ས་གལ་ཆེནདངསྟེགས་བུ་གལ་ཆེནབགྲོད་ལམ་གལ་ཆེནབཅས་ཀྱི་འགན་འཁྲིའི་ཕན་ནུས་གང་ལེགས་སྒོས་བཏོན་ནས། བསམ་བློའི་ཆབ་སྲིད་ཁྲིད་སྟོན་ལ་ཤུགས་སྣོན་དང་། དྲང་ཕྱོགས་ནུས་ཤུགས་རྒྱ་ཆེར་གཅིག་ཏུ་བསྡུས་ནས། ལྟེར་ཕྱོགས་ངར་ཤུགས་སྟོབས་ཆེར་གཏོང་དགོས། གྲོས་མོལ་སྲིད་གླེང་དང་དམངས་གཙོའི་ལྟ་སྐུལ། ལྟ་ཞིབ་རྟོག་ཞིབ། བརྟག་དཔྱད་ཞིབ་འཇུག གྲོས་གཞི་སྒྲུབ་གཉེར། སྤྱི་ཚོགས་གནས་ཚུལ་དང་དམངས་ཀྱི་འདོད་འདུན་ཡར་ཞུ་སོགས་འགན་ནུས་ལག་བསྟར་བྱེད་སྒོར་ཐུན་མོང་ངོས་འཛིན་གཅིག་བསྒྲིལ་དང་མཉམ་འདྲེས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གྲོས་འདོན་གྲུབ་འབྲས་དང་བསམ་བློའི་ཐོབ་ཆའི་ཐད་གཅིག་གྱུར་དུ་འཆར་འགོད་དང་གཅིག་གྱུར་དུ་དོན་འཁྱོལ་བྱ་དགོས། ཞིང་ཆེན་སྲིད་གྲོས་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་།ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མིས་ཏང་ཡོན་ཨུ་ཡོན་ལ་འབྲེལ་གཏུག་དང་ཏང་ཡོན་ཨུ་ཡོན་གྱིས་ཏང་ཡོན་མིན་པའི་ཨུ་ཡོན་ལ་འབྲེལ་གཏུག་སོགས་ཀྱི་ལམ་ལུགས་འཐུང་ཚང་དུ་བཟོས་ཏེ། རྒྱུན་དུ་འཚམས་འདྲིར་འགྲོ་བ་དང་རྒྱུན་དུ་སྙིང་གཏམ་བཤད་རེས་བྱེད་དགོས། ཆོས་ལུགས་ལས་རིགས་ཁག་གི་ཨུ་ཡོན་གྱི་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ཕན་ནུས་འདོན་པ་དང་། “ཏང་གི་དྲིན་ཤེས་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ”དང“རྒྱལ་གཅེས་ཆོས་གཅེས་དང་ཕ་ཡུལ་ལ་དགའ་ཞེན”གྱི་སློབ་གསོའི་བྱེད་སྒོ་སྤེལ་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་པོར་འཆང་དགོས་ལ།ཏང་ཕྱིའི་ཤེས་ཡོན་པ་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣ། སྤྱི་ཚོགས་རིམ་པ་གསར་བའི་མི་སྣ་བཅས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་པ་དང་། ཁོ་ཅག་སྲིད་གྲོས་ཀྱི་གྲོས་མོལ་སྲིད་གླེང་གི་བྱེད་སྒོར་གདན་དྲངས་ཏེ། དམིགས་ཡུལ་ལྡན་པའི་སྒོ་ནས་མཐུན་སྒྲིལ་སྣེ་ཁྲིད་དང་དོགས་འགྲེལ་གནད་འགྲེལ་གྱི་ལས་ཀ་ལེགས་པར་བསྒྲུབ་དགོས། མཐུན་སྒྲིལ་མཛའ་འབྲེལ་དང་ཕྱི་ཕྱོགས་འགྲོ་འོང་ལ་བརྩོན་པ་བགྱིས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ཕྱི་ཕྱོགས་ཀྱི་རྒྱབ་སྐྱོར་ནུས་ཤུགས་མུ་མཐུད་དུ་སྟོབས་ཆེར་གཏོང་དགོས།

བཞི་ནས་འགན་འཁྲི་འཁུར་སེམས་ཇེ་དྲག་ཏུ་བཏང་ནས། རང་ངོས་འཛུགས་སྐུན་ལ་ཀུན་ནས་ཤུགས་བསྣན་དགོས་ལ།   དུས་རབས་གསར་བར་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་སྐོར་གྱི་བཀོད་སྒྲིག་གསར་བ་དང་བླང་བྱ་གསར་བ་ནན་ཏན་གྱིས་དོན་འཁྱོལ་དང་། ཏང་གིས་མི་དམངས་སྲིད་གྲོས་ལས་དོན་ལ་སྒོ་ཀུན་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས། ཏང་སྐྱོང་སྒོ་ཀུན་ནས་གཟབ་ནན་གྱི་ལས་འགན་གཙོ་བོར་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཨུ་ཡོན་གྱི་དཔུང་ཁག་འཛུགས་སྐྲུན་དང་།ཆེད་དོན་ཨུ་ཡོན་ལྷན་ཁང་དང་སྲིད་གྲོས་ལས་ཁུངས་དང་ལས་བྱེད་དཔུང་སྡེ་འཛུགས་སྐྲུན་ཤུགས་སྣོན་གྱིས་སྐབས་འདིའི་སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་ཁྲོད་ཀྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་ནན་ཏན་གྱིས་ཕྱོགས་སྡོམ་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ལས་དོན་མུ་མཐུད་དུ་གསར་གཏོད་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

ཁྲེན་ཧྥུ་ཧྲེང་གིས་སྲིད་གྲོས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ཚོགས་པའི་ཚབ་བྱས་ཏེ། ཚོགས་ཆེན་ལ་སྐབས་འདིའི་གྲོས་ཚོགས་ཐེངས་བཞི་བ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ་ཕུལ། སྲིད་གྲོས་རྔ་བ་ཁུལ་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་བཞི་བ་འཚོགས་ཚུན་ནས་བཟུང་། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་། སྲིད་གྲོས་ལ་ཞུགས་པའི་ལས་ཁུངས་སོ་སོ། ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་འོག ཁུལ་གཅིག་དང་ས་ཁུལ་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་སྐུལ་འདེད་ཀྱི་དམིགས་འབེན་ལ་དམིགས་ཏེ། བློ་བསྡུས་དགེ་འཚོལ་གྱིས་རིག་ལམ་འཚོལ་བ་དང་། ཇུས་འབུལ་ཤུགས་འདོན་གྱིས་འཕེལ་རྒྱས་སུ་གཏོང་བ། གྲོས་གཞི་ལས་སྒྲུབ་ཀྱི་འགན་ནུས་བེད་སྤྱོད་གང་ལེགས་ཀྱིས་གྲོས་གཞི་ཁྱོན་བསྡོམས་173བཏོན་ཡོད་དེ། ཞིབ་བཤེར་བྱས་པ་བརྒྱུད། གྲོས་གཞི་2ཕྱིར་འཐེན་པ་དང་། གྲོས་གཞི་1ཐོ་བཀོད་མེད་པ། གྲོས་གཞི་6གི་ནང་དོན་གཅིག་མཛུངས་ཡིན་པས་ལྷན་དུ་བསྡུས་པས་གྲོས་གཞི་3དུ་གྱུར། གྲོས་གཞི་95ཐོ་འགོད་བྱས། ཨུ་ཡོན་གྱི་ཡིག་བསྐུར་72བརྒྱུད་སྤྲོད་བྱས་པ་དེས་གྲོས་གཞི་ཐོ་ལ་བཀོད་ཚད་55%ཟིན། གྲོས་གཞི་ཡོངས་རྫོགས་སྒྲུབ་སློག་ཚར་བས་གྲོས་གཞི་སྒྲུབ་གཉེར་དང་ཕྱིར་ལན་སློག་ཚད་100% ཟིན་ཡོད་ཅེས་བསྟན།

གདན་ཞུས་ལྟར་གྲོས་ཚོགས་ལ་ཞུགས་པ་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་དུ་བཞུགས་མཁན་ལ་ད་དུང་ཀྲུང་གུང་རྔ་བ་ཁུལ་ཨུ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན།  ཁུལ་མི་དམངས་སྲིད་གཞུང་བཅས་ཀྱི་ཁུལ་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་དང་། རྔ་བའི་ཡན་ལག་དམག་ཁུལ།  ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་།  ཁུལ་མི་དམངས་ཞིབ་དཔྱོད་ཁང་།  རྔ་བ་ཁུལ་དགེ་འོས་སློབ་ཆེན།  རྔ་བ་ཁུལ་ལས་རིགས་སློབ་གླིང་བཅས་ཀྱི་འགོ་ཁྲིད་བློ་མཐུན་རྣམས་དང་།  ཁུལ་ནང་ཁུལ་དུ་བཅའ་སྡོད་བྱེད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན།  ཁུལ་ནང་ཁུལ་དུ་བཅའ་སྡོད་བྱེད་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ།  ཁུལ་ནང་ཁུལ་དུ་བཅའ་སྡོད་བྱེད་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་པ་བཅས་ཡོད་ལ། འབར་ཁམས་སུ་བཅའ་སྡོད་བྱེད་པའི་ཁུལ་རིམ་པའི་ལས་ཁུངས་ཀྱི་རྫོང་རིམ་གཞོན་པ་ཡན་གྱི་ལས་བྱེད་རྣམས་ཀྱིས་གྲོས་ཚོགས་ལ་ཟུར་ཉན་བྱས། 

来源:阿坝州电视台 阿坝州电视台藏语频道



扫一扫在手机打开当前页

相关新闻