当前位置: 首页 / 专题专栏 / 强基固本行动

致全州人民的新春贺词ཁུལ་ཡོངས་ཀྱི་མི་དམངས་ལ་ཕུལ་བའི་ལོ་སར་གྱི་ཤིས་ཚིག

发布时间:2021-02-12 21:22
来源:州妇联
访问量:
【打印文本】
分享到:




各位亲爱的父老乡亲,同志们,朋友们:

མཛའ་བརྩེ་ལྡན་པའི་ཡུལ་མི་སྤུན་ཟླ་རྣམ་པ་དང་བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།



日月开新元,天地又一春。在这万家团圆、喜庆祥和的美好时刻,我们谨代表中共阿坝州委、阿坝州人民政府,向全州各族干部群众,向驻州人民解放军、武警官兵、民兵预备役人员和政法干警,向所有关心、支持阿坝州发展民生稳定工作的社会各界人士、网民朋友们,致以节日的亲切问候和新春的美好祝福!


ལོ་ཟླ་གསར་པ་བཀྲ་ཤིས་གཡང་གིས་ཚེས། །སྲིད་པའི་ཁམས་འདིར་དཔྱིད་ཀྱི་དཔལ་ཡོན་རྒྱས། །ཁྱིམ་བཟའ་ཚང་མཉམ་དུ་འཛོམས་ནས་དགའ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤིས་པའི་དུས་བཟང་འདིར། ང་ཚོས་ཀྲུང་གུང་རྔ་བ་ཁུལ་ཨུ་དང་རྔ་བ་ཁུལ་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་། ཁུལ་དུ་སྡོད་པའི་མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་དང་རྔ་བ་ཁུལ་གྱི་དམངས་འཚོ་བརྟན་ལྷིང་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དང་དྲ་གྲོགས་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་དང་ལོ་སར་ལ་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།


图片ལོ་ཟླ་གསར་པ་བཀྲ་ཤིས་གཡང་གིས་ཚེས། །སྲིད་པའི་ཁམས་འདིར་དཔྱིད་ཀྱི་དཔལ་ཡོན་རྒྱས། །ཁྱིམ་བཟའ་ཚང་མཉམ་དུ་འཛོམས་ནས་དགའ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤིས་པའི་དུས་བཟང་འདིར། ང་ཚོས་ཀྲུང་གུང་རྔ་བ་ཁུལ་ཨུ་དང་རྔ་བ་ཁུལ་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་། ཁུལ་དུ་སྡོད་པའི་མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་དང་རྔ་བ་ཁུལ་གྱི་དམངས་འཚོ་བརྟན་ལྷིང་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དང་དྲ་གྲོགས་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་དང་ལོ་སར་ལ་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།


时序轮替,见证奋斗足迹。2020 年是“十三五”规划的收官之年,也是我州发展历程中极不平凡的一年。这一年,面对突如其来的新冠肺炎疫情、异常严峻的经济发展形势,我们坚持以习近平新时代中国特色社会主义思想为指导,深入贯彻新时代党的治藏方略,认真落实省委涉藏工作部署,统筹推进疫情防控和经济社会发展,扎实做好“六稳”工作,全面落实“六保”任务,团结带领全州各族干部群众,坚决打赢了疫情防控“阻击战”、经济发展“主动战”、风险防控“化解战”、基础建设“提升战”、乡村振兴“攻坚战”、就业增收“持久战”、协同发展“突围战”,成为全省首个以市州为单元的新冠肺炎疫情防控低风险区,取得“整体解决深度贫困问题”的历史性成就,成功创建全国双拥模范城,基本完成九寨沟地震灾后恢复重建,基本完成了“十三五”规划确定的目标任务,“一州两区三家园”美好愿景正加速进程。

རེས་ཀྱིས་འཁོར་བའི་དུས་ཚོད་ཀྱིས་འབད་བརྩོན་གྱི་ཞབས་རྗེས་རེ་རེར་བདེན་དཔང་བྱས་ཡོད་པ་བཞིན། 2020ལོ་ནིལོ་ལྔའི་འཆར་གཞི་བཅུ་གསུམ་པའིམཇུག་བསྡུ་བའི་ལོ་ཡིན་ལ། རང་ཁུལ་གྱི་འཕེལ་རྒྱས་ལོ་རྒྱུས་ནང་སྤྱིར་བཏང་མིན་པའི་ལོ་ཞིག་ཀྱང་ཡིན། ལོ་འདིར་གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་དང་ཧ་ཅང་ཛ་དྲག་ཆེ་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་ལ་ཁ་གཏད་ནས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཤིང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ཡོད་ལ།བརྟན་ལྷིང་དྲུག་གི་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབ་པ་དངའགན་ལེན་དྲུག་གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱིའགོག་རྒོལ་དམག་འཐབདང་། དཔལ་འབྱོར་འཕེལ་རྒྱས་ཀྱིརང་འགུལ་དམག་འཐབ། ཉེན་ཁ་སྔོན་འགོག་ཚོད་འཛིན་གྱིའདུམ་གཅོད་དམག་འཐབདང་། རྨང་གཞིའི་འཛུགས་སྐྲུན་གྱིགནས་སྤར་དམག་འཐབ། གྲོང་གསེབ་དར་རྒྱས་ཀྱིའགག་སྒྲོལ་དམག་འཐབ། ལས་ཞུགས་འབབ་འཕར་གྱིརྒྱུན་སྲིང་དམག་འཐབ། མཉམ་སྡེབ་འཕེལ་རྒྱས་ཀྱིདཔུང་གཤག་དམག་འཐབབཅས་ལ་རྒྱལ་ཁ་ཐོབ་པ་རེད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་ཚན་པར་བྱས་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཉེན་ཁ་ཆུང་བའི་ས་ཁུལ་དུ་གྱུར་བ་དང་།སྤྱི་ཡོངས་ནས་ཤིན་ཏུ་དབུལ་བའི་གནད་དོན་ཐག་གཅོད་བྱེདཔར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་ལེགས་འགྲུབ་བྱུང་བ་དང་། གཟི་རྩ་སྡེ་དགུར་ས་ཡོམ་གྱིས་གནོད་སྐྱོན་བྱུང་རྗེས་ཀྱི་བསྐྱར་སྐྲུན་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་ཡོད་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ནང་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་གཞི་རྩའི་ཐོག་ལེགས་འགྲུབ་བྱུང་ཡོད། གཞནཁུལ་གཅིག་དང་ས་ཁུལ་གཉིས། ཁྱིམ་གཞིས་གསུམགྱི་མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་བཞིན་ཡོད།



积力之所举,则无不胜也;众智之所为,则无不成也。一年来阿坝发生的每一点变化、经受的每一次考验、取得的每一份成绩,都浸润着全体阿坝人民的心血,凝聚着所有关心、支持阿坝发展的人士的付出。在此,向你们致以崇高的敬意和衷心的感谢!

ཆུ་ཐིགས་རྟག་ཏུ་འབབ་པ་ཡིས། །བྲག་གི་རི་བོ་འབིགས་ལ་ལྟོས། །མི་ལ་བརྩོན་འགྲུས་ལྡན་གྱུར་ན། །མི་འགྲུབ་བྱ་བ་ཅི་ཡང་མེད། །ལོ་གཅིག་རིང་རྔ་བར་བྱུང་བའི་འགྱུར་ལྡོག་རེ་རེ་དང་ཉམས་སུ་མྱངས་བའི་མྱོང་བ་རེ་རེ། ཐོབ་པར་དཀའ་བའི་གྲུབ་འབྲས་རེ་རེ་ནི་རྔ་བའི་མི་དམངས་ཡོངས་ཀྱིས་དཀའ་སྤྱད་ཀྱི་རྔུལ་ཁྲག་ལས་བྱུང་བ་ཡིན་ལ། རྔ་བའི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཀུན་གྱི་འབད་བརྩོན་ལས་བྱུང་བ་ཡིན་པས། འདི་ནས་ཁྱེད་ཚོར་བླ་ན་མེད་པའི་གུས་འདུད་དང་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།


精彩的华章,总是在接续奋斗中书写。2021年是实施“十四五”规划、开启全面建设社会主义现代化阿坝新征程的第一年,也是中国共产党成立100周年。新的一年,我们将坚持以习近平新时代中国特色社会主义思想为指引,深入贯彻党的十九届五中全会、省委十一届八次全会和州委十一届十次全会精神,紧扣中央、省委决策部署和州委工作安排,高标准建设生态屏障、高速度补齐基础短板、高质量发展特色产业、高效率挖掘内需潜力、高要求深化改革开放、高层次统筹协同创新、高起点推进乡村振兴、高水平保障改善民生、高效能加强社会治理,勠力同心、奋勇争先、苦干实干,以奋斗之姿冲刺“十四五”规划开局之年,为加快建设“一州两区三家园”、谱写社会主义现代化阿坝绚丽篇章而不懈奋斗,以优异成绩向建党100周年献礼!

ངོ་མཚར་བའི་ལོ་རྒྱུས་ནི་ནམ་ཡང་འབད་བརྩོན་བྱས་པ་ལས་བྱུང་བ་ཡིན། 2021ལོ་ནིལོ་ལྔའི་འཆར་གཞི་བཅུ་བཞི་བལག་ལེན་དུ་བསྟར་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྔ་བ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་པའི་ལོ་དང་པོ་དེ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་ལོ་ཡང་རེད། ལོ་གསར་པའི་ནང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་དང་། ཁུལ་ཨུའི་བྱ་བའི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་ཚད་གཞི་མཐོ་བའི་སྒོ་ནས་སྣོད་བཅུད་སྲུང་ཡོལ་འཛུགས་སྐྲུན་བྱེད་པ། མྱུར་ཚད་མཐོན་པོས་རྨང་གཞིའི་ཞན་ཆ་གསབ་པ། སྤུས་ཚད་མཐོ་བའི་སྒོ་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། ནང་མཁོའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། རིམ་པ་མཐོ་བའི་སྤྱི་འདོམས་མཐུན་སྦྱོར་གསར་གཏོད་བྱེད་པ། འགོ་འཛུགས་ས་མཐོན་པོ་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། ནུས་པ་ཆེ་བའི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། སེམས་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན། དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ཏེལོ་ལྔའི་འཆར་གཞི་བཅུ་བཞི་པ་ལེགས་འགྲུབ་ཡོང་བར་གདོང་མཆོང་བྱེད་དགོས་ལ།ཁུལ་གཅིག་དང་ས་ཁུལ་གཉིས།ཁྱིམ་གཞིས་གསུམ་གང་མགྱོགས་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྔ་བ་བསྐྲུན་པར་མཛེས་སྡུག་ལྡན་པའི་ལེའུ་གསར་པ་འབྲི་ཆེད་འབད་བརྩོན་ལྷོད་མེད་བྱས་ཏེ་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་ཕུལ་ཏུ་བྱུང་བའི་གྲུབ་འབྲས་སྐྱེས་སུ་འབུལ་དགོས།



阿坝昨天的发展有您的贡献,阿坝明天的美好更离不开您的关心、支持与帮助。今后,我们将一如既往地高度重视民声诉求,热切期盼您的建言献策,让我们心连心、手牵手,迈步新征程,展现新作为,铸就新辉煌。

རྔ་བའི་ཁ་སང་གི་འཕེལ་རྒྱས་ལ་ཁྱེད་རང་གི་ལེགས་སྐྱེས་ཕུལ་ཡོད་པས་རྔ་བའི་འབྱུང་འགྱུར་གྱི་མཛེས་སྡུག་དེ་ཡང་ཁྱེད་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར། རོགས་རམ་བཅས་དང་ཁ་འབྲལ་ཐབས་མེད། སླད་ཕྱིན་ང་ཚོས་སྔར་བཞིན་མི་དམངས་ཀྱི་རེ་འབོད་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཁྱེད་ཀྱིས་ཐབས་འདོན་ཇུས་འབུལ་བྱ་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ང་ཚོས་གཅིག་སེམས་གཅིག་སྦྲེལ་དང་ལག་གདང་མཉམ་སྦྲེལ། གོམ་སྟབས་གསར་པ་སྤོས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་། བྱས་རྗེས་གསར་པ་མངོན་པར་བྱེད་པ། འོད་སྟོང་འཕྲོ་བའི་གྲུབ་འབྲས་གསར་པ་གཏོད་པ་བཅས་བྱ་རྒྱུ་ཡིན། 



衷心祝愿伟大祖国繁荣富强!祝福大家新春快乐,扎西德勒,纳吉纳禄!

མཐར་རླབས་ཆེན་གྱི་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པའི་སྨོན་འདུན་ཞུ་བ་ཡིན་ལ། ཚང་མར་དཔྱིད་གསར་སྤྲོ་པོ་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ།


中共阿坝州委书记     刘  坪

ཀྲུང་གུང་རྔ་བ་ཁུལ་ཨུའི་ཧྲུའུ་ཅི། ལིའུ་ཕིང་།

阿坝州人民政府州长杨克宁

རྔ་བ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན། དབྱང་ཁེ་ཉིང་།



来源:阿坝州电视台 阿坝州电视台藏语频道


扫一扫在手机打开当前页

相关新闻